Tuesday, August 4, 2026

བདུད་འཇོམས་གླིང་པ་སྤྲུལ་བརྒྱུད་ལ་བསྔགས་པའི་ཀ་ཕྲེང་མགྲིན་སྔོན་ཟླ་བའི་གླུ་དབྱངས།

༈ ཀ་དག་གཏིང་གསལ་གཞོན་ནུ་བུམ་སྐུ་ཡི་ཀློང་ནས། །ཁ་དན་འོད་གསལ་ལྷུན་གྲུབ་སྒྱུ་འཕྲུལ་གྱིས་བཀོད་པས། །ག་ཤེད་རང་གསལ་ཆུ་ཟླའི་བརྙན་འགྱུར་དུ་འཛུམ་པ། །ང་ཚོའི་བླ་མ་བདུད་འཇོམས་གླིང་པ་འདི་བཟང་ངོ་། །ཅ་དག་རྔ་ཡབ་གླིང་པའི་དགོངས་གཏེར་གྱི་བང་མཛོད། །ཆ་སྲོལ་རྒྱན་དྲུག་མཆོག་གཉིས་བཞེད་ཚུལ་དུ་བཀྲལ་བས། །ཇ་ཡུན་སངས་རྒྱས་ལག་བཅང་ཕྱོགས་མཐའ་རུ་བརྡལ་བ། །ཉ་མའི་འདྲེན་མཆོག་ཡེ་ཤེས་རྡོ་རྗེ་འདི་བཟང་ངོ་། །ཏ་ལེར་བརྗིད་པའི་སྒེག་ཉམས་རང་བྱུང་གི་མཛད་པས། །ཐ་དག་གདུལ་བྱའི་ཡིད་དགའ་རབ་འབྱམས་སུ་འདུས་ཏེ། །ད་རེས་མཚོ་སྐྱེས་རྡོ་རྗེའི་རྒྱལ་ཚབ་ཏུ་བཞུགས་པ། །ན་མོ་འབྲུག་སྒོམ་དགའ་རབ་རྡོ་རྗེ་འདི་བཟང་ངོ་། །

པ་ཊུའི་ལམ་ཅིག་མཛེས་པའི་ཐོས་བསམ་གྱི་དོ་རར། །ཕ་མེས་ཆོས་དང་གདུང་གི་འགན་འཛིན་གྱི་སླད་དུ། །བ་ཐག་བརྩོན་འགྲུས་རྟ་ཡི་མགྱོཊ་འགྲོས་ཀྱིས་བསྐྱོད་པ། །མ་འཁྲུལ་ཡང་སྲིད་པདྨ་འོད་གསལ་འདི་བཟང་ངོ་། །ཙ་ར་ཕ་རོལ་ཕྱིན་མའི་ཡུམ་མཆོག་གི་དཔྱིད་གཟུགས། །ཚ་གདུང་འགྲོ་བ་འདྲེན་པའི་སྒྱུ་འཕྲུལ་དུ་ཤར་བས། །ཛ་ཡའི་བསྟན་ལ་སྲི་ཞུ་མཚུངས་མེད་ཀྱི་མཁའ་འགྲོ། །ཝ་ཝལ་ཌཱ་ཀི་རིན་ཆེན་དཔལ་སྒྲོན་འདི་བཟང་ངོ་། །ཞ་ཆག་སྐྱོན་བྲལ་ཁྲོས་མའི་ཆོས་ཚོགས་ཀྱི་དོ་ར། །ཟ་བསོད་ཙམ་མིན་ལྷག་བསམ་དར་དཀར་གྱིས་བརྒྱན་པས། །འ་ཅག་ཉམས་ལེན་བརྩོན་པའི་རྣལ་འབྱོར་གྱི་ཕོ་མོ། །ཡ་རབས་མིག་དཔེར་བཞུགས་པའི་ཆོས་གྲོགས་སུ་བཟང་ངོ་། །ར་ཟླ་མཁོ་མ་ལུང་གི་མཛངས་རབས་ལ་དཀྲིས་པས། །ལ་མཐོ་གྲུབ་མཐའི་ང་རྒྱལ་ཕྲག་དོག་ལས་བརྒལ་ཏེ། །ཤ་ཚའི་གདུང་སེམས་ཁྲོས་མའི་བླ་བྲངས་སུ་སྐྱིལ་བ། །ས་སྟེང་ཉམས་ཆུང་རང་ཡང་སྐལ་བ་རང་བཟང་ངོ་། །ཧ་ཅང་དགའ་རབ་རྗེ་འདི་བླ་མ་རུ་བཟང་ཞིང་། །ཧ་ཐལ་བདུད་འཇོམས་བརྒྱུད་འཛིན་སྤུན་ཟླ་རུ་ལེགས་པས། །ཨ་དོན་སྙིང་པོ་ཁྲོས་མ་ནག་མོ་ཡི་ཆོས་ཚོགས། །ཨ་ཏིའི་བསྟན་པའི་གཙུག་ཏུ་ཕཱོར་ཨེ་བཱར་བཞུགས་མཛོད (forever) ། ། ཅེས་པའང་ ནིའུ་ཡོག་ཁྲོས་མའི་ཆོས་ར་ནས་ ཡིད་ཆེས་ཀྱི་དད་པ་སེན་ཐོག་གི་རྡུལ་ཙམ་བརྟས་པའི་ རིག་འཛིན་དྲ་རྒྱའི་མཁར་ལྡིང་དབང་པོས་ མེ་རྟ་ཟླ་ལྔ་པའི་ཚེས་བཅོ་ལྔའི་སྔ་དྲོར་ གདན་གསུམ་ལྷ་ཚོཊ་མཆོད་པའི་ཞོར་དུ་ རང་བྱུང་སེམས་ཀྱི་ཆུ་རིས་རྣམས་བཏུས་ཏེ་ ཀ་ཕྲེང་མགྲིན་སྔོན་ཟླ་བའི་གླུ་དབྱངས་སུ་ གསང་བ་མཆོག་གི་མཛའ་མོ་ གང་ལ་བ་དེའི་སླད་དུ་གྱེར་བ་དགེའོ། ། ཛ་ཡནྟུ། ། Updated on 12 July, 2026.


English Rendition of the Kathreng

The Melody of a Cuckoo, An Alphabetical Song of Praise to Kyabje Garab and Lineage

 

[Ka, Kha, Ga, Nga]

From the expanse of the youthfully pristine vase body of primordial purity,

Arranged by the magical illusion of the spontaneously present clear light,

Smiling somewhere as the self-luminous reflection of the moon in water,

How wonderful is our guru, Dudjom Lingpa!

 

[Ca, Cha, Ja, Nya]

The flawless treasury of the mind-terma of the Lake-Born Buddha (Padmasambhava),

Elucidating the profound traditions and views of the Six Ornaments and Two Supreme Ones,

Spreading ultimate realization to the furthest horizons in the mere duration of a cup of tea,

How wonderful is this supreme guide of disciples, Yeshe Dorje!

 

[Ta, Tha, Da, Na]

A naturally arising garden of majestic and charming grace,

Blooming to bring boundless joy to the minds of all disciples,

The crown jewel atop the topknot of the Vajrayana today,

Homage! How wonderful is this DrukGom Garab Dorje!

 

[Pa, Pha, Ba, Ma]

Having entered the arena of learning and contemplating the excellent path,

For the sake of upholding the responsibility of the ancestral Dharma and lineage,

Beautified by the swift stride of the horse of unwavering diligence, 

How wonderful is this unmistakable reincarnation, Padma Osel!

 

[Tsa, Tsha, Dza, Wa]

The sublime spring embodiment of the Mother of Paramitas,

Arising as a magical manifestation to guide beings tormented by suffering,

The dakini of matchless service to the Buddha's teachings, 

How wonderful is this majestic Dakini, Rinchen Paldron!

[Zha, Za, 'A, Ya]

Leaders of the Throema Dharma groups, free from any flaws or decline,

Adorned with the pure white silk scarf of altruistic intention, not merely seeking a livelihood,

For us yogis and yoginis who strive in pure devotional practice,

How wonderful to have you’ll as a noble Dharma friend that serves as an exemplary model!

 

[Ra, La, Sha, Sa]

Entwined in affinity with the noble heritage of Khoma Lung,

Transcending the pride and jealousy of high sectarian views,

Gathering heartfelt affection into the Throema community,

Peerless upon this earth, how truly fortunate am I as well!

 

[Ha, Ha, Ah, Ahh]

How wonderful it is to have this exceedingly joyful Lord Garab as a Guru,

How excellent to have the Dudjom lineage-holders as Dharma siblings completely,

May the Throema Dharma House, the essence of the ultimate meaning (A),

And the teachings of Ati [Yoga] remain undiminished FOREVER!

 

Colophon

This too was composed by the Cyber Sky Dwelling Rigdzin, whose devoted faith has blossomed by a speck as big as dust on a fingernail since joining New York Dudjom Dharma House. Thus, on the morning of the 15th day of the fifth month of the Fire Horse year (2026), while having breakfast at a Manhattan café, these normal ripples of thoughts arising from the mind were gathered and sung as The Melody of a Cuckoo for the sake of the supreme secret beloved, whomever she may be. May it be virtuous! Jayantu!

 

Note: The reason one word jarringly inserted in English was a small cosmic coincidence. Just as I was concluding the piece into the cadence of my one & only inspiration Jigdrel Yedo, an English lady at the corner of the café suddenly yelled, "FOREVER!". So, I took it as a cosmic cue and chose to use that word instead of any possible variants.